སློབ་ཡོན་འབུལ་སྟངས།

 

བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་ཡོན།
   བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་ཡོན་ནི་ཡོ་སྒོར་གཞིར་བཟུང་བྱེད་ཀྱི་ཡོད་པ་དང་།ཆུ་ཚོད་རེ་ལ་ཡོ་སྒོར་5 རེ་ཡིན་ཞིང་། ཆུ་ཚོད་100 ཡི་སྒང་ལ་སློབ་སྦྱོང་བྱེད་ཚེ་ཡོ་སྒོར་4 རེ་ཡིན། ཁྱེད་རྣམ་པས་ཟླ་གཅིག་གི་སྔོན་དུ་སློབ་ཡོན་འབུལ་ཐུབ་པ་གནང་དགོས།

བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་ཕྲུག་གིས་དགོངས་ཚུལ་གནང་ཕྱོགས།
    བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་མ་རྣམས་ཀྱིས་རང་གི་དགེ་རྒན་དུས་ཚོད་ལྟར་མ་སླེབས་པ་དང་།སློབ་ཁྲིད་ཡག་པོ་མི་བྱེད་པ། གནས་ཚུལ་གང་འདྲ་ཡོད་ཀྱང་ཐད་ཀར་ལས་ཁུངས་ལ་འབྲེལ་བ་བྱེད་ཆོག་ཅིང་། དགོངས་ཚུལ་གང་ཡོད་ངེས་པར་གསུང་གནང་ཡོང་རྒྱུ་དང་ལམ་སྟོན་བཅས་སྩོལ་བར་རེ་སྐུལ་ཡང་ཞུ་བཞིན་ཡོད།