སློབ་ཚན།


བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་ཚན།

བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་ཚན་ནི། བོད་སྐད། བོད་ཡིག རིགས་ལམ། ནང་ཆོས། ཆོས་འབྱུང་། རྒྱལ་རབས། བརྡ་སྤྲོད་དང་། རྩོམ་རིག་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་པས། སྐུ་ཉིད་ཀྱིས་ཐུགས་འདོད་ལྟར་སློབ་སྦྱོང་བྱེད་ས་ཡོད།

བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་མ་བསྡུ་སྟངས།
བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་མ་བསྡུ་སྟངས་ནི། བོད་པ་དང་ཕྱི་རྒྱལ་གྱི་མི་རིགས་སུ་ལའང་དབྱེ་བ་མེད་པར་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་དོ་སྣང་ཡོད་མཁན་རྣམ་པར་སློབ་ཁྲིད་བྱེད་ཀྱི་ཡོད་ཅིང་། ལོ་ཆེ་ཆུང་དང་། དུས་ཚོད་ལ་རྒྱུས་བཅད་མེད་པར་ཁྱེད་ཀྱིས་ག་དུས་སློབ་སྦྱོང་བྱ་འདོད་ཡོད་ཚེ་དེ་ལྟར་སློབ་ཁྲིད་གོ་སྒྲིག་བྱེད་ཀྱི་ཡོད་ལ། སློབ་མ་རང་ཉིད་ལ་དྲ་ལམ་དང་། ཀློག་ཀླད་གཉིས་ཀ་ཚང་དགོས་ཤིང་། དྲ་ཐོག་ནས་skypeབརྒྱུད་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པས། ཁྱེད་ཀྱི་གློག་ཀླད་ཀྱི་ནང་དུ་skypeགྱི་མ་ལག་ཕབ་ལེན་བྱ་དགོས་ལ། skypeགྱི་མ་ལག་དེ་ན་རིན་མེད་ཀྱི་ཕབ་ལེན་བྱེད་ཆོག

བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་ཕྲུག་གི་གནས་རིམ།
བོད་ཀྱི་དྲ་ཐོག་སློབ་གྲྭའི་སློབ་ཕྲུག་སུ་འདྲ་ཞིག་ཡིན་ཡང་། སློབ་ཕྲུག་རང་གིས་སློབ་ཚན་འདེམ་ཆོག་ལ། དེའི་རྗེས་དགེ་རྒན་ཚོས་སློབ་ཕྲུག་གི་གནས་ཚད་དང་མཐུན་པའི་སློབ་ཚན་གྲ་སྒྲིག་བྱས་ཏེ་སློབ་ཁྲིད་བྱེད་ཀྱི་ཡོད་པར་མ་ཟད། དྲ་ཐོག་སློབ་གྲྭར་ཞུགས་འདོད་ཀྱི་འདུན་པ་ཡོད་པའི་སློབ་མ་དག་ལ་ཤེས་ཡོན་གྱི་གནས་ཚད་དང་ལོ་ཚོད་གང་ལའང་མི་ལྟ་བར་བོད་ཀྱི་སྐད་དང་། བོད་ཀྱི་ཡི་གེ། བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་། བོད་ཀྱི་བརྡ་སྤྲོད། བོད་ཀྱི་རྩོམ་རིགནང་ཆོས། རིགས་ལམ་སོགས་ལ་དོ་སྣང་ཡོད་མཁན་གྱི་མི་བུ་སུ་འདྲ་ཞིག་ཡིན་རུང་ང་ཚོའི་སློབ་གྲྭ་ལ་འབྲེལ་བ་གནང་ན། དེ་ལྟར་ངེད་ཅག་གིས་ཁྱེད་ཉིད་ལ་དགེ་རྒན་གོ་སྒྲིག་བྱ་ངེས་ཡིན།